༄༅།། ༢༠༡༠་ལོའི་ཧྥེ་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐའ་མཇུག་གི་འགྲན་བསྡུར།

༄༅།། ༢༠༡༠་ལོའི་ཧྥེ་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐའ་མཇུག་གི་འགྲན་བསྡུར།

༢༠༡༠ལོའི་རྒྱལ་སྤྱིའི་རྐང་རྩལ་སྤོ་ ལོ་འགྲན་བསྡུར་མཛད་སྒོ་ནི། ལྷོ་ཨ་ཧྥུ་རེ་ཁར་སྤྱི་ཟླ་༦པའི་ཚེས་༡༡་ནས་སྤྱི་ཟླ་༧པའི་ཚེས་༡༡་དབར་ཚོགས་ཏེ། ཐེངས་འདིའི་མཐའ་མཇུག་གི་འགྲན་བསྡུར་ནི་ ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30 སྟེང་རྒྱལ་ས་Jojannesburg ཡོ་ཧང་ནི་སི་རྦིར་རྒུ་རུ་རྩེས་ཏེ་ཡོངས་སུ་མཇུག་རྫོགས་སོ། ལྷོ་ཨ་ཧྥུ་རེ་ཁ་ནི་ལོ་རྒྱུས་སྟེང་མི་རིགས་དཀར་པོས་མི་སེར་སྤེལ་ཡུལ་དང་༦༡་ ལོར་རང་བཙན་ཐོབ་ལ། མི་རིགས་དཀར་ནག་འདྲེས་མའི་རྒྱལ་ཁབ་ཞིག་ཡིན། རྒྱལ་ས་ ཡོ་ཧང་ནི་སི་རྦིར་རྒུ་ནི་འཛམ་གླིང་སྟེང་HIV ན་ཚ་ཆེས་མང་ ཤོས། གྲོང་ཁྱེར་ནང་ནག་ཉེས་ཆེས་མང་ཤོས་དང་བདེ་འཇགས་མེད་པའི་གྲོང་ཁྱེར་ཨང་དང་པོ་ དེ་ཡིན། སྤྲང་པོ་དང་ཕྱུག་པོའི་ཁྱད་པར་ཤིན་དུ་ཆེ་ལ། མི་རིགས་དཀར་པོ་ནི་རྒྱལ་ཁབ་འདིའི་མི་རིགས་ཕྱུག་ཤོས་དེ་ཡིན། ༡༨༨༠་ལོར་ ནས་བཟུང་དབྱིན་ཇི་སྟེ་མི་རིགས་ དཀར་པོས་མི་རིགས་ནག་པོའི་ལོ་ཆུང་བྱིས་པ་དག་ལ་བཙན་དབང་གིས་གསར་རྐོ་རུ་བཅུག་ སྟེ་ཚད་ལས་འདས་པའི་སྡུག་པོ་བཏང་ཡོད། ལྷོ་ཨ་ཧྥུ་རེ་ཁའི་གསར་འཛམ་གླིང་སྟེང་ཁྱབ་ཡོད་ལ། ཧྥེ་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མའང་ལྷོ་ཨ་ཧྥུ་རེ་ཁ་ རུ་བཟོས་པ་མ་ཟད། རྒྱལ་ཁབ་འདིའི་གསེར་ཡིན་པར་བཤད། ༨༣་ལོར་གསར་གྱི་རྟགས་མ་རྙིང་པ་དེ་རྐུན་མ་ཤོར་ཏེ་གར་སོང་ཆ་མེད་དུ་གྱུར། གསེར་གྱི་རྟགས་མ་གསར་བ་དེ་༡༩༧༤ ལོར་རྙིང་པའི་ཚབ་ཏུ་བརྗེས་ཏེ་འཇར་མན་རྒྱལ་ཁབ་༧༤་ལོའི་ཧྥེ་ཧྥ་རྒྱལ་སྤྱིའི་ རྐང་རྩེད་སྤོ་ལོ་ཨང་དང་པོའི་རྒྱལ་ཁ་ཐོབ་པའི་གསོལ་རས་སུ་ཐོག་དང་པོར་སྤྲད་དོ།

རྒྱལ་ཁབ།
གསེར་གྱི་རྟགས་མ་རྙིང་བ།
གསེར་གྱི་རྟགས་མ་གསར་པ།
ཁྱོན་བསྡོམས།
Brazil 3 2 ལྔ་ཐོབ།
Italy 2 2 བཞི་ཐོབ།
Germany 1 2 གསུམ་ཐོབ།
Argentina 0 2 གཉིས་ཐོབ།
Uruguay 2 0 གཉིས་ཐོབ།
England 1 0 གཅིག་ཐོབ།
France 0 1 གཅིག་ཐོབ།
España 0 1 གཅིག་ཐོབ།
Total བསྡོམས། 9 10 ཐེངས་བཅུ་དགུ།
       


ཨང་གསུམ་པའི་འགྲན་བསྡུར།

ཟླ་བདུན་པའི་ཚེས་བཅུ་ཉིན། ལྷོ་ཨ་ཧྥུ་རི་ཁའི་ཉིན་གུང་ཆུ་ཚོད་14.30

འཇར་མན་ནེ།
ཨོ་རལ་གྷལ།

མཐའ་འབྲས། 3-2 འཇར་མན་ནེ་ཐོབ་པ་རེད། ཨང་དང་པོ་སྟེ་མཐའ་མཇུག་གི་འགྲན་བསྡུར། Nederland – España ཧོ་ལན་ཊི།

འཛམ་གླིང་སྟེང་རྐང་རྩེད་སྤོ་ལོ་རྩེ་དགའ་ཆེ་ཤོས་དང་རྩེ་མཁན་ཡག་ཤོས་ཀྱི་རྒྱལ་ ཁབ་སྐད་གྲགས་ཆེ་ཤོས་ཞིག་ཡིན། ༢༠༡༠་ལོའི་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་སྤོ་ལོ་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥འདེམས་པའི་ནང་ཨང་བཞི་བའི་མིང་རྟགས་ཐོབ་པ་མ་ཟད། འཛམ་གླིང་སྟེང་རྩེད་མོ་རྩེ་མཁན་ཡག་ཤོས་ཀྱི་གྲངས་ཆེས་མང་ཤོས་གསོ་སྐྱོང་བྱེད་ མཁན་དང་། རྒྱལ་ཁབ་དང་སྒེར་གྱི་རྐང་གྲུག་སྤོ་ལོ་ཚོགས་པ་ཁག་གི་དགེ་རྒན་བྱེད་མཁན་ཆེས་ མང་ཤོས་ཀྱི་མི་རིགས་ང་རྒྱལ་ཅན་གྱི་རྒྱལ་ཁབ་ཞིག་ཡིན། ཧྥེ་ཧྥ་1974,1978, 2010་ལོའི་རྐང་རྩེད་སྤོ་ལོའི་མཐའ་མཇུག་གི་འགྲན་བསྡུར་ནང་ཚུད་དོ།

ཨེ་སི་པན་ཡ། འཛམ་གླིང་སྟེང་རྐང་གྲུག་རྩེད་མོར་ཆེ་དགའ་ཤོས་དང་རྩེ་མཁན་ཡག་ཤོས་ཀྱི་རྒྱལ་ ཁབ་སྐད་གྲགས་ཆེ་ཤོས་ཞིག་ཡིན་ལ། རྒྱལ་ཁབ་འདིའི་ལུས་རྩལ་རྩེད་མོ་དགའ་ཤོས་ནི་ རྐང་གྲུག་རྩེད་མོ་ཡིན། ༢༠༡༠་ལོར་རྒྱལ་སྤྱིའི་ཧྥེ་ཧྥ་རྐང་གྲུག་ཚོགས་པས་འཛམ་གླིང་སྟེང རྒྱལ་ཁབ་ཡག་ཤོས་༢༥་འདེམས་པའི་ནང་ཨང་གཉིས་པའི་མིང་རྟགས་ཐོབ་ཡོད། ༢༠༡༠ ལོའི་ཧྥེ་ཧྥ་རྐང་རྩེད་སྤོ་ལོའི་མཐའ་མཇུག་གི་གྲས་སུ་ཞུགས་ཐུབ་པ་ལོ་རྒྱུས་ སྟེང་ཐོག་དང་པོ་ཡིན།

རྒྱལ་ཁབ་གཉིས་སྐར་མ་90་རིང་རྩེས་ཀྱང་ཐོབ་ཤོར་གྱི་དབྱེ་འབྱེད་མ་ཐུབ་པར། ཡང་བསྐྱར་ཆུ་ཚོད་ཕྱེད་ཀའི་རིང་བསྐྱར་རྩེས་བྱས་ཏེ་ཨེ་སི་པན་ཡ་རྒྱལ་ཁབ་ཀྱིས་ སྤོ་ལོ་གྲུག་གུ་ནང་དུ་བསྡུས་ཏེ་༢༠༡༠་ལོའི་ རྒྱལ་སྤྱིའི་ཧྥེ་ཧྥ་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཨང་དང་པོའི་གསེར་གྱི་རྟགས་ མ་དེ་ཐོབ།

ཨང་དང་པོ། ཨེ་སི་པན་ཡ།

ཨང་དང་པོ། ཨེ་སི་པན་ཡ།
ཨང་གཉིས་པ། ཧོ་ལན་ཊི།
ཨང་གསུམ་པ། འཇར་མན་ནེ
ཨང་བཞི་བ། ཨོ་རལ་གྷལ།

 

 

 

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )